འོས་ཆོས་ཆ་རྐྱེན།

ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་གྱི་སློབ་ཡོན་འོས་ཆོས་ཆ་རྐྱེན་གཤམ་གསལ།

༡) སྙན་ཞུ་བ་ནས་ཨོསིཀྲིལིཡ་དང་།  ཡུ་རོབ།  ཡང་ན་ཨ་རི་བཅས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་གང་རུང་དུ་མིང་དེབ་འགོད་ཟིན་པ་ཡང་ན་གཙུག་ལག་སློབ་གྲྭར་འཛུལ་བཞེས་ཟིན་པ་ཞིག་དགོས།

༢) སྙན་ཞུ་བ་ནས་བོད་མི་ཡིན་པའི་དཔང་རྟགས་དང་དྭང་བླངས་དཔྱ་ཁྲལ་འབུལ་འབབ་ཆད་མེད་གཙང་འབུལ་ཟིན་པ་དགོས།

༣) སྙན་ཞུ་བ་ནས་གཙུག་ལག་སློབ་གྲྭ་འགྲོ་ཡུལ་རྒྱལ་ཁབ་ཀྱི་དགོས་ངེས་མཐོང་མཆན་ཞུ་རྒྱུ་རིགས་དོ་བདག་རང་ཉིད་ནས་འགན་འཁུར་བཞེས་དགོས།

༤) འོས་ཆོས་ལྡན་པའི་མི་འགྲོ་རྣམས་གཙུག་ལག་རབ་འབྱམས་པའམ་འབུམ་རམས་པ།  ཡང་ན་ཆེད་ལས་ཀྱི་སློབ་གྲྭ་གང་རུང་དུ་སློབ་སྦྱོང་མཇུག་སྐྱེལ་བཞིན་པ་ཞིག་དགོས།

༥) གཙུག་ལག་སློབ་ཐོན་ལས་འཆར་རྣམས་ངོས་འཛིན་ཡོད་པའི་ཚད་ལྡན་གཙུག་ལག་སློབ་གཉེར་ཁང་ནས་ཉུང་མཐར་ལོ་གཅིག་གམ་ལོ་མང་།  ཡང་ན་སློབ་སྦྱོང་དུས་ཡུན་ཆ་ཚང་བཅས་དང་ལེན་བྱས་པ་ཞིག་དགོས།

 ༦) ད་ལྟ་སློབ་ཡོན་ཐོབ་བཞིན་པའི་མི་འགྲོ་ནས་སློབ་ཡོན་བསྐྱར་ཞུ་དགོས་རིགས་རྣམས་སློབ་ཡོན་དུས་ཡུན་འཕར་འགྱངས་ཀྱི་སྙན་ཞུ་ཟུར་དུ་འབུལ་དགོས།  འོན་ཀྱང་སློབ་ཡོན་དུས་ཡུན་འཕར་འགྱངས་ཀྱི་ཚད་གཞི་ལོ་གཉིས་ཡིན།