རྒྱབ་ལྗོངས་ལོ་རྒྱུས།

སློབ་ཡོན་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ནུས་པ་གོང་སྤེལ་ཡར་རྒྱས་ཆེད་ཁྱད་དུ་འཕགས་པའི་བོད་པའི་སློབ་ཕྲུག་རང་རང་གི་དམིགས་ཡུལ་ལྟར་གཙུག་ལག་སློབ་གྲྭ་འགྲིམ་བཞིན་པ་རྣམས་ལ་སློབ་ཡོན་སྩལ་གྱི་ཡོད། སློབ་ཡོན་སྩལ་དགོས་དོན་ནི་གཙུག་ལག་སློབ་གྲྭའི་འགྲོ་གྲོན་ཆེ་བའི་དཀའ་སེལ་སླད་འཕར་མ་ཁ་སྣོན་ཡིན་པ་ལས་སློབ་ཕྲུག་གི་སློབ་ཡོན་འགྲོ་གྲོན་ཆ་ཚང་འདང་ངེས་ཕུལ་ཐབས་ཐུབ་མེད། དགེ་རྩའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོས་ཏཱ་ལའི་བླ་མའི་དགེ་རྩར་ཕྱག་དངུལ་གསོལ་སྩལ་གནང་སྟེ་དམིགས་བཀར་གནང་བ་བཞིན་ཤེས་ཡོན་དང་འགྲོ་བ་མིའི་རིགས་ལ་ཕན་སླད་དུ་སློབ་ཡོན་དེ་དག་སྩལ་བ་ཞིག་ཡིན།