དགེ་རྩེའི་ངོ་སྤྲོད།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་སུད་སི་གཞུང་གི་རྩ་ཁྲིམས་དགོངས་དོན་ཁྲིམས་མཐུན་གྱི་སུད་སི་ཛཱུརིག་མངའ་ཁོངས་སུ་བཙུགས་གནང་པ་ཞིག་ཡིན། དགེ་རྩ་འདི་བཙུགས་དགོས་དོན་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འགན་ཡོངས་དང་འབྲེལ་ཆགས་༧གོང་ས་མཆོག་གི་སྒྲིག་འཛུགས་དང་རྒྱུན་སྲོལ་རྣམས་རྒྱུན་མཐུད་སོར་གནས་དང་མཐུན་འགྱུར་ཞུ་ཆེད་དུ་ཡིན།

དགེ་རྩའི་གཙོ་འཛིན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། འཛིན་སྐྱོང་སྟངས་འཛིན་གནང་མཁན་འགན་འཛིན་ལྷན་ཚོགས་ཡིན། འགན་འཛིན་ལྷན་ཚོགས་ཀྱིས་མ་འོངས་ལམ་སྟོན་དང་སྲིད་བྱུས་གཏན་འབེབས། དེ་བཞིན་རོགས་དངུལ་བཀའ་འཁྲོལ་སྟངས་འཛིན་གནང་གི་ཡོད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཚོགས་མིའི་ཞབས་ཞུ་སྒྲུབ་སྐབས་དངུལ་རྩིས་ཀྱི་གུན་གསབ་འབུལ་གྱི་མེད།

དགེ་རྩེའི་ངོ་སྤྲོད།
༧གོང་ས་མཆོག
དགེ་རྩ།
འགན་འཛིན་ལྷན་ཚོགས།