དགེ་རྩའི་ལས་དོན།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་བསྒྲུབ་བྱའི་དམིགས་ཡུལ་ལྟར་ལས་དོན་ཞུ་རྒྱུ་འདྲ་མིན་སྣ་ཚོགས་ཡོད།   གཙོ་ཆེ་ཤོས་ནི་དགེ་རྩའི་ངོས་ནས་དགེ་རྩའི་དམིགས་ཡུལ་དང་འགན་འཛིན་ལྷན་ཚོགས་ཀྱིས་ངོས་བཞེས་གནང་བའི་གསར་གཏོད་དང་རང་འགུལ་གྱི་ནུས་པ་ལྡན་པའི་ལས་གཞི་རིགས་ལ་རོགས་སྐྱོར་ཞུ་རྒྱུ་ཡིན།

དགེ་རྩ་གསར་བཙུགས་ཞུས་པ་ནས་འགྲོ་བ་མིའི་བཟང་སྤྱོད་དང་རིན་ཐང་གོང་སྤེལ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུའི་ལས་འཆར་དུས་ཡིན་རིང་ཐུང་སྣ་ཚོགས་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད།   དཔེར་ན། Emory གཙུག་ལག་སློབ་གྲྭ་ཆེན་མོས་འགོ་འཛུགས་ལག་བསྟར་བྱེད་བཞིན་པའི་ལས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ (SEE Learning)  ལྟ་བུ་ཡིན།

དེ་ཙམ་དུ་མ་ཟད་ནང་ཆོས་དང་ཚན་རིག་དབར་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་ཤེས་ཡོན་བཅས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ། དེ་བཞིན་པར་སྐྲུན་འགྲེམས་སྤེལ་དང་། ཕབ་སྒྱུར་གྱི་ལས་རིགས་སྣ་ཚོགས་ལ་རོགས་དངུལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་མུས་ཡིན།

ལོ་མང་རིང་དགེ་རྩའི་ངོས་ནས་༧གོང་ས་མཆོག་ཡུ་རོབ་ཁུལ་དུ་ཡང་ཡང་གདན་ཞུས་ཀྱིས་ཆོས་ལུགས་ཕན་ཚུན་དབར་གྲོས་མོལ་དང་། ཞི་བདེ་གོང་སྤེལ་དང་། འཚེ་བ་མེད་པ་སོགས་བརྗོད་གཞི་སྣ་ཚོགས་ཐད་བགྲོ་གླེང་དང་། མང་ཚོགས་ལ་བཀའ་སློབ་བཅས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།

གཞན་ཡང་དགེ་རྩ་འདིའི་དམིགས་ཡུལ་བཞིན་ཚན་རིག་དང་རིག་གནས་ཀྱི་ལས་གཞི་སྒྲུབ་བཞིན་པའི་སྡེ་ཚན་ཁག་དང་། འགྲོ་བ་མི་སྤྱིའི་བདེ་སྡུག་དཀའ་ངལ་སེལ་ཐབས་གནང་མཁན་རྒྱལ་སྤྱིའི་རོགས་ཚོགས་རྣམས་ལ་རྒྱུན་དུ་རོགས་དངུལ་ཞལ་འདེབས་འབུལ་བཞིན་ཡོད།

དགེ་རྩའི་ཇི་བྱེད།
རོགས་དངུལ་དང་ལས་འཆར།
དགེ་རྩ་དང་ཞལ་འདེབས།
ཕྱག་དེབ་དང་པར་སྐྲུན།
སློབ་ཡོན།

———

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་ངོས་འཛིན་ཡོད་པའི་ཚོགས་སྡེ་རྣམས་ནས་རོགས་དངུལ་འཆར་གཞི་འབོད་བསྐུལ་མ་ཞུས་པར་དགེ་རྩས་དགའ་འདེམས་ཞན་སྐྱུར་ཐོག་ནས་ངོས་བཞེས་དང་རྒྱབ་སྐྱོར་ཞུ་ཡི་མེད།