ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་གྱི་སློབ་ཡོན།

ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་གྱི་སློབ་ཡོན་ནི་ཆེས་འགྲན་ཟླ་ཅན་གྱི་ཁ་གསབ་སློབ་ཡོན་རོགས་དངུལ་ཡིན།  རོགས་དངུལ་འདི་ནི་ཁྱད་དུ་འཕགས་པའི་བོད་པའི་སློབ་ཕྲུག་ཡུ་རོབ་དང་།  ཨོསིཀྲིལིཡ།  བྱང་ཨ་རི།  (Europe, Australia, North America) བཅས་ཀྱི་ནང་དུ་ཚད་ལྡན་མཐོ་སློབ་གཙུག་ལག་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པ་རྣམས་སུ་གནང་གི་ཡོད།

སློབ་ཡོན་གྱི་ལས་གཞིའི་དགོས་དམིགས་ནི།  བོད་མིའི་ནུས་པ་གོང་སྤེལ་དང་།  བོད་པའི་སློབ་ཕྲུག་རྣམས་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་མཐར་སོན་གྱིས་འགྲོ་བ་མིའི་བདེ་ཐབས་སླད་ཞབས་འདེགས་དང།  ལྷག་པར་དུ་བོད་མི་རྣམས་ཀྱི་བདེ་རྩར་ཕན་པ་སྒྲུབ་ཆེད་ཡིན།

➡️ Apply now for the Scholarship 2024/25

༜ ༜ ༜