དུས་རབས་ཉེར་གཅིག་གི་ནང་པ། སྲོལ་རྒྱུན་དང་འགྱུར་བཅོས་བར་།

མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་བཤད་དང་། དེ་རྗེས་བགྲོ་གླེང་ཚོགས་འདུ།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ རེས་གཟའ་ཕུར་བུ།

དགོང་མོའི་ཆུ་ཚོད་ ༦.༣༠ (སྒོ་ཆུ་ཚོད་ ༦.༠༠ སྟེང་ཕྱེད།)

📍 Pädagogische Hochschule Zürich
Hörsaal LAA-G001, Lagerstrasse 2, 8090 Zürich

སྐད་ཡིག བོད་སྐད། (འཇར་མན་སྐད་ནང་དུས་མཉམ་དུ་བསྒྱུར་རྒྱུ།)

འཛུལ་ཞུགས་རིན་པ་ CHF 20.-

འཛིན་བྱང་ད་ལྟ་ཉོས། TICKET


དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཡིན་ན་གོ་དོན་ག་རེ་ཡིན་ནམ།

འཛམ་གླིང་འགྱུར་འགྲོས་དང་། འཕྲུལ་རིག་མགྱོགས་མྱུར་འཕེལ་རྒྱས། སྤྱི་ཚོགས་ཀྱི་འཁྲུག་རྩོད་དཀའ་ངལ་ཇེ་ཆེར་འགྲོ་བའི་དུས་སྐབས་འདིར། མི་མང་པོ་ཞིག་གིས་དེང་སང་སྔར་སྲོལ་གྱི་ཆོས་ལུགས་རྙིང་པ་དེ་དག་ད་དུང་དོན་སྙིང་ལྡན་མིན་སྐོར་ལ་དྲི་བ་འདོན་བཞིན་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་རབས་ནང་པའི་ཆོས་ལུགས་ནི་སྲོལ་རྒྱུན་དང་ཆོ་ག་ཙམ་ལས་ལྷག་པ་ཞིག་དགོས་ཞེས་ཡང་དང་ཡང་དུ་ནན་བརྗོད་གནང་ཡོད།
དུས་རབས་ ༢༡ པའི་ནང་པ་ཞིག་ནི་སྨོན་ལམ་འདོན་པ་དང་ཆོ་ག་སྒྲུབ་མཁན་ཙམ་མ་ཡིན་པར། སློབ་སྦྱོང་ཐོབ་ཅིང་ཚུལ་མཐུན་དང་སྙིང་རྗེ་དང་ལྡན་པའི་མི་ཚེ་སྐྱེལ་མཁན་ཞིག་ཡིན་དགོས།

དེང་སང་ནང་ཆོས་ཞེས་པ་ནི། སློབ་སྦྱོང་དང་དཔྱིས་འཇུག་གིས་རང་གི་སེམས་རྒྱུད་འདུལ་ཞིང་། སྙིང་རྗེ་དང་བརྩེ་བས་འགྲོ་བ་སེམས་ཅན་གྱི་དོན་དུ་ལས་འགུལ་སྤེལ་ཏེ། དུས་རབས་དང་མཐུན་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་ལེན་བྱེད་དགོས་པ་དང་། དེ་ནི་དད་པ་ཙམ་མ་ཡིན་པར། ང་ཚོས་དུས་རབས་ཀྱི་འགྲན་རྩོད་ལ་འཇམ་མཉེན་དང་ནང་སྟོབས། འགན་འཁྲི་བཅས་ཀྱིས་གདོང་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན།

དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནི་༧གོང་ས་མཆོག་གི་ཡུན་རིང་གི་ལོ་ཙཱ་བ་དང་མཁས་པ་དང་རྩོམ་པ་པོ་བཅས་ཡིན་པ་དང་། ཁོང་གིས་གསུང་བཤད་དང་དེའི་རྗེས་ཀྱི་བགྲོ་གླེང་ནང་ང་ཚོས་བྱ་སྤྱོད་འདི་དངོས་སུ་ཇི་ལྟར་འཚོ་བ་དང་མུ་མཐུད་སྤེལ་ཐུབ་པའི་སྐོར་ལ་སྐུལ་མ་གནང་རྒྱུ་རེད། ལས་རིམ་འདི་ནི་ལྷག་པར་བོད་མི་ཚོར་དམིགས་པ་དང་། དེ་མིན་ཀུན་སྤྱོད་དང་བློ་རིག་གི་རྨང་གཞི་ཡོད་པའི་འཚོ་བར་དོ་སྣང་ཡོད་མཁན་ཚང་མར་ཡང་དམིགས་ཡོད།


ལས་རིམ་འདི་ནི་གཤམ་གསལ་གྱི་མཉམ་འབྲེལ་ལས་རིམ་ཞིག་ཡིན།