ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ།
  • མདུན་ཤོག
  • དགེ་རྩེའི་ངོ་སྤྲོད།
    • ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
    • དགེ་རྩ།
    • འགན་འཛིན་ལྷན་ཚོགས།
  • དགེ་རྩའི་ཇི་བྱེད།
    • རོགས་དངུལ་དང་ལས་འཆར།
    • དགེ་རྩ་དང་ཞལ་འདེབས།
    • ཕྱག་དེབ་དང་པར་སྐྲུན་སོགས།
    • སློབ་ཡོན།
  • སློབ་ཡོན།
    • རྒྱབ་ལྗོངས་ལོ་རྒྱུས།
    • འོས་ཆོས་ཆ་རྐྱེན།
    • སློབ་ཡོན་དངུལ་འབབ།
    • སྙན་ཞུ།
  • འབྲེལ་བ་ཞུ་ཡུལ།
  •  ༜ ཞལ་འདེབས། 
  • བོད་ཡིག
    • English
    • 中文
    • Français
    • Deutsch
    • Español
    • Italiano
    • 日本語
    • Русский
    • Монгол хэл

འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བ།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ།

བསྒྲུབ་བྱའི་དམིགས་ཡུལ།



ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། ཞི་བདེ་དང་འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ་བཅས་ལ་དམིགས་ཏེ་བཙུགས་གནང་པ་ཞིག་ཡིན། དགའ་ལྡན་ཕོ་བྲང་དགེ་རྩ་དེས་བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་མ་ཟད། མི་རིགས་དང་ཆོས་ལུགས་དབྱེ་བ་མེད་པར་འགྲོ་བ་མི་དཀའ་ངལ་ཅན་རྣམས་ལ་ཕན་ཐོགས་དང་རོགས་རམ་གནང་རྒྱུའི་ཆེད་དུ་ཡིན།

འགྲོ་བ་མི།

“འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བ་ལ་ངོས་རང་ལ་ཆ་བཞག་ནའང་མི་གཅིག་ཡིན་བསམ་པ་ནི་གཙོ་བོར་འཇོག་གི་ཡོད། བོད་པ་དང་ནང་པ་ཞིག་ཡིན་བསམ་པ་དེ་རིམ་པ་གཉིས་པར་འཇོག་གི་ཡོད། ང་ཚོ་འགྲོ་བ་མི་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས། འཛམ་བུ་གླིང་འདི་བྱམས་བརྩེ་ལྡན་པ་དང་བཟང་པོ་ཞིག་བསྐྲུན་དགོས་ཀྱི་ཡོད་ན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་འགྱུར་ཡིན་བསམ་པའི་འདུ་ཤེས་དེ་ངེས་པར་དུ་དགོས། གང་ཡིན་ཟེར་ན། ང་ཚོ་ཚང་མ་འཚོ་བ་ལ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཡིན།”

gyalwarinpoche.com
Facebook
X
Instagram
Imprint | Legal

༜ ༜ ༜

“འགྲོ་བ་མི་འཚོ་བ་ལ་བྱམས་བརྩེ་དང་གཞན་ལ་བསམ་པ་ཐག་པའི་བློ་དེ་གཙོ་བོ་ཡིན། དེ་ནི་མི་སུ་འདྲ་ཞིག་ལའང་འབྲེལ་བ་ཡོད། ཆོས་ཁས་ལེན་ཀྱང་རུང་མ་ལེན་ཀྱང་རུང་བདེ་བ་འདོད་པ་གཅིག་མཚུངས་ཡིན།” – ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

Copyright © 2025 · All Rights Reserved · ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ།